ཁ་པར་གྱི་རྒྱུན་ཤེས་འདི་དག་མ་ཤེས་ཐབས་མེད་རེད། ཕན་པར་ཤོག
ཁ་པར་གྱི་རྒྱུན་ཤེས། གཅིག ཁ་པར་ཞིག་གསོ་ཁང་དུ་མ་བཞག་པའི་སྔོན་ལ་ཁ་པར་གྱི་སྒྲིག་ཨང་བློར་གཟུང་དགོས་ཏེ། གལ་ཏེ་བློར་མ་བཟུང་ན་ཁ་པར་གཞན་དང་བརྗེ་བའི་ཉེན་ཁ་ཡོད། དེས་ན་ཁ་པར་གྱི་སྒྲིག་ཨང་གང་ནས་བལྟ་དགོས་སམ་ཞེ་ན། ཁ་པར་གྱི་ཨང་གྲངས་གླེང་ས་རུ་*#06#མནན་ན་ཁ་པར་གྱི་སྒྲིག་ཨང་འཆར་ངེས་སོ། ། གཉིས། ཁ་པར་གྱི་སྒྲིག་ཨང་འདི་ཉར་ཚགས་བྱ་དགོས་ཏེ། གལ་ཏེ་ནམ་ཞིག་ཁ་པར་བོར་བརླག་ཏུ་སོང་ན་སྒྲིག་ཨང་འདི་ཁ་པར་བཟོ་གྲྭར་བཤད་ནས་སྒོ་གཏན་དུ་བཅུག་ན་གཅིག་ནས་རང་གི་གསང་བ་གཞན་དུ་ཤོར་མི་ཐུབ་ཅིང་གཉིས་སུ་རྐུན་པོས་བེད་སྤྱོད་བྱེད་མི་ཐུབ། གསུམ། ཁ་པར་ཆུ་ནང་དུ་ལྷུང་རྗེས་ནས་སོགས་འབྲུ་རིགས་སྐམ་པོར་བཅུག་པ་ནི་ཆེས་མི་ལེགས་པ་ཞིག་ཡིན་སྟེ། འབྲུ་རིགས་ཀྱི་གསེང་དུ་ཐལ་རྡུལ་མང་པོ་ཡོད་པས་ཁ་པར་གྱི་གསེང་དུ་རྡུལ་སོང་ན་གནོད་སྐྱོན་ཆེ་ཞིང་སྐད་ཇེ་དམའ་རུ་གྱུར་འགྲོ། བཞི། ཁ་པར་ཆུ་ནང་དུ་ལྷུང་བ་ན་མཛུབ་མནོན་གང་དུའང་གླེབ་མི་ཉན་ལ་ལྷག་པར་དུ་ཁ་པར་སྒོ་གཏན་མི་རུང་། དེ་ལས་གཙང་ཤོག་སོགས་ཆུ་འཐེན་པའི་ནུས་པ་དང་ལྡན་པའི་ཕྱི་སྤྱད་ཀྱིས་ལེགས་པར་ཕྱིས་ཏེ་བསིལ་བའི་གནས་སུ་འཇོག་དགོས། ཡང་ན་ཁ་པར་གྱི་ནང་གི་ཆུ་སྐམ་པར་གཡུག་ནས་བསིལ་བའི་གནས་སུ་འཇོག་དགོས། ཁ་པར་འབྱེད་སྐབས་ཆང་བཅུད་དང་རྒྱ་རག་ལྟ་བུ་སྐམ་སླ་བའི་བཤེར་ཁུས་དབྱི་དགོས། ལྔ། གལ་ཏེ་ཁྱོད་ཉིད་སྤོ་འགུལ་ཆ་འཕྲིན་བེད་སྤྱོད་བྱེད་མཁན་ཞིག་ཡིན་ན་ཁ་པར་ཨང་གྲངས་10086སྟེང་དུ་ཨང་ཀི་0000སྐུར་ན་ཁྱོད་ཀྱི་ཁ་པར་བྱང་བུ་འདིས་ཞབས་ཞུ་གང་དག་ཕྱེས་ཡོད་པ་སྐུར་ངེས་ཤིང་། དེ་དག་ལས་རང་ལ་དགོས་མཁོ་མེད་པ་དག་ཁ་པར་ཨང་གྲངས་186201ལ་ཨང་ཀི00000སྐུར་ན་སྒོ་བརྒྱག་ཐུབ། འདི་ཡིས་ཁྱོད་ལ་དགོས་མེད་ཀྱི་འགྲོ་སོང་མང་པོ་ཞིག་གྲོན་ཆུང་བྱ་ཐུབ། དྲུག ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་ལྟར་ན་ཁ་པར་གློག་གསོག་བཞིན་པའི་སྐབས་སུ་ཁ་པར་གྱི་ཕྱི་ནང་ཀུན་ཏུ་གློག་རྡུལ་ཕྲ་མོས་བསྐོར་ནས་ཡོད་པས་གློག་གསོག་བཞིན་པའི་སྐབས་ཁ་པར་གཏོང་མི་རུང་། བདུན། ཁ་པར་གྱི་གློག་རྫས་དང་གཙོ་འཕྲུལ་ལ་དོ་དམ་ལེགས་པོ་བྱ་འདོད་ན་མ་མཐའ་ཡང་གཟའ་འཁོར་རེར་ཁ་པར་སྒོ་ཐེངས་མ་གཅིག་རྒྱག་དགོས་ཤིང་སྒོ་རྒྱག་ཐེངས་རེར་སྐར་མ་བཅུ་ཙམ་འཇོག་དགོས། བརྒྱད། ཁ་པར་ལ་ཅུང་བརྡ་རྟགས་མེད་པའམ་ཡང་ན་ཟ་བརྒྱབ་ཟིན་ཡང་མྱུར་སྐྱོབ་ཁ་པར་གཏོང་པའི་ནུས་པ་དང་ལྡན། དགུ། སྐུད་མེད་དྲྭ་ཡོད་ཀྱང་ཁ་པར་ཀྱི་དྲྭ་སྒོ་མ་བརྒྱབ་ན་བཞུར་རྒྱུན་འགྲོ་ངེས། དེ་བས་སྐུད་མེད་དྲྭ་ཡོད་སྐབས་ཁ་པར་གྱི་དྲྭ་སྒོ་རྒྱག་རྒྱུ་གལ་ཆེ། བཅུ། ཁ་པར་གྱི་གློག་རྫས་བརྒྱ་ཆ་དམའ་ཤོས་སུ་ལྷུང་རྗེས་ད་གཟོད་གློག་བརྒྱ་ཆའི་བརྒྱ་ཟིན་རྗེས་སྤྱོད་དགོས་པར་སྨྲ་བ་ནི་རྫུན་ཡིན། གློག་རྫས་20%ཙམ་ལས་གློག་བསོག་ན་ཆེས་མཚམས་ཤོས་ཡིན་ཞིང་གསག་ཁ་མ་གང་པར་ཁ་པར་སྤྱད་ཀྱང་གློག་རྫས་ལ་གནོད་འཚེ་མེད།
དྲྭ་ལམ་སོ་སོར་ཁ་སྐོར་གྱི་རྒྱུན་ཤེས་དག་དང་མ་དག་ཅི་རིགས་སྐུར་བཞིན་འདུག་མོད། དེ་དག་རེ་འགའ་ནི་ལེགས་ཀྱང་མང་ཆེ་བ་རྫུན་དུ་ཤུགས་ཆེ་བས་འདིར་ཆེད་དུ་ཁུངས་བཙུན་ཙམ་དུ་སྣང་ནས་སྤེལ་བའོ། ། གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ། |
འོག་གི་བརྡ་ཁྱབ་འདི་ཐེངས་རེ་མནན་རོགས།
འདི་ཁྱོད་ལ་མི་གནོད་ཅིང་། ང་ལ་ཕན་པའི་བྱ་བ་ཞིག་ཡིན།